Skip to main content

བརྙན་ཡིག་ཕབ་ཆས་བཀོལ་ཚུལ། (SayMore)


BDRC

སློབ་ཚན་ངོ་སྤྲོད།

Saymore ཡིག་འབེབ་མཉེན་ཆས་ནི་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་ནང་བཀོལ་རྒྱུའི་བརྙན་རིགས་སྒྲར་བསྒྱུར་བ་དང་སྒྲ་ཡིག་འབེབ་བྱེད་པའི་ཆེད་ལས་མཉེན་ཆས་ཤིག་ཡིན་ཞིང་། ཕབ་ལེན་རིན་མེད་དང་བཀོལ་བདེ་ཞིང་ཉོག་འཛིངས་མེད་པ། ཡིག་འབེབ་ལ་འཁོ་བའི་ཁྱད་ཆོས་སྣེ་འཛོམས་ཡོད་པ་བཅས་སོ།།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདི་ལེན་མཁན་ལ་གློག་ཀླད་ཀྱི་རྨང་གཞི་ཤེས་བྱང་ཅུང་ཙམ་དགོས་པ་ཡིན།

སློབ་ཁྲིད་རྒན།

Course Staff Image #1

དོན་འགྲུབ།

ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་རིག་གནས་རབ་འབྱམས་པ་དང་། བོད་ཡིག་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན། ལོ་ཤས་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྣེ་ཤན་སྡེ་ཚན་གྱི་འགན་འཛིན་བྱེད་ཞོར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབ་པའི་ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་དང་ལག་རྩལ་སྐོར་ངོ་སྤྲོད་བྱེད་མཁན་ནང་ཁུལ་གྱི་སྣེ་ཤན་པ་དང་། གཞུང་འབྲེལ་གྱི་སྐུ་མགྲོན་རྣམས་དང་དེ་བཞིན་འབྲེལ་ཡོད་ཀྱི་མི་སྣ་ཁག་མངལ་སྡེ་ནང་ཁུལ་གྱི་གནས་ཆེན་ཁག་ལ་ཡུལ་སྐོར་ལ་འཁྲིད་མཁན་སྣེ་ཤན་པའི་ལས་ཀ་གཅིག་ལྕོགས་བྱས། ༢༠༡༧ ལོ་ནས་བཟུང་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ལས་ཀ་བྱེད་མོས་དང་ཞོར་དུ་བོད་ཡིག་དགེ་རྒན་བྱེད་བཞིན་པ་བཅས་སོ།།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Enroll